གློག་ཀླད་ལྟ་བུ་ཞིག་ལ་མཚོན་ན་དེའི་ནང་མཉེན་ཆས་གསར་འཇུག་དང་དེ་བཞིན་གློག་ཀླད་ཀྱི་བཀོད་སྒྲིག་ལ་འགྱུར་བ་བཏང་དགོས་ན་སྐབས་རེ་གཙོ་སྐྱོང་པའི་(Administrator) དབང་ཆ་དགོས་པ་ལྟར། ཁ་པར་ཞིག་ལ་རུ་ཊིང་བྱེད་ཟེར་ན་ཁ་པར་གྱི་བཀོད་སྒྲིག་ལ་འགྱུར་བཅོས་བཏང་ཐུབ་པའི་དབང་ཆ་ཆ་ཚང་རགས་ཐབ་བྱེད་པ་ལྟ་བུ་ཡིན།

རུ་ཊིང་བྱེད་ན་གང་ཡོད་དམ།

རུ་ཊིང་བཏང་ཟིན་པའི་ཁ་པར་ཞིག་ཡིན་ཕྱིན་ཁ་པར་ནང་ངོས་ཀྱི་ཨཻཔ་སི་(apps) དང་། རྩེ་མོ། ཡིག་ཆ། སྒྲིག་བཀོད་མ་ལུས་པ་ཁ་པར་གཅིག་ནས་ཁ་པར་གཞན་ཞིག་ཐོག་གནས་སྤོ་(backup & restore)བྱེད་ཐུབ་པ་དང། དམིགས་བསལ་གྱི་མཉེན་ཆས་OTG ཟེར་བ་བཅུག་ནས་མཐེབ་སྡེར་(pendrive) ནང་གི་ཡིག་ཆ་རྣམས་ཁ་པར་ངོས་སུ་བལྟ་ཐུབ་པ་བཟོ་ཐུབ། ཁ་པར་ནང་ངོས་ཀྱི་ཡིག་གཟུགས་གཙོ་བོ་དེ་འགྱུར་བཅོས་དང་གང་འདོད་བཀོད་མཆོག །ཁ་པར་ནང་ཡིག་ཆའི་གསང་བ་ཉར་ཚད་དང་སྐྱོན་ཆ་ཡོད་མེད་ཚོད་ལྟའི་ཆེད་དུའང་རུ་ཊིང་བྱེད། མི་མང་པོས་རུ་ཊིང་བྱེད་ནས་རང་ཉིད་ཀྱི་ཁ་པར་ནང་རཱོམ་(ROM)གསར་པ་དེ་འདྲ་གསུབ་འཇུག་བྱེད་ཀྱི་ཡོད། ཀོ་ས་ཊོམ་རཱོམ་ (custom ROM) ཡང་ན་(ROM)རཱོམ་ཟེར་བ་ནི་ལག་ཐོག་ཁ་པར་གྱི་རྒྱུད་ཁུངས་མ་ལག་ལ་གོ་དགོས། དཔེར་ན་རང་ཉིད་ཀྱི་གློག་ཀླད་ནང་ Window XP བླུགས་པའམ། སྐུར་ཁུང་བདུན་པ་ཡང་ན་སྐར་ཁུང་བརྒྱད་པ་སོགས་གང་འདོད་བཅུག་རྒྱུ་ཡོད་པ་ལྟར། ཀོ་ས་ཊོམ་རཱོམ་ལ་ཡང་ཨན་ཌོའི་ཐོན་རིམ་འདྲ་མིན་དང་། ཨན་ཌོ་གསར་བཟོ་བྱེད་པ་དེ་འདྲ་རང་ཉིད་ཀྱི་ཁ་པར་ནང་འཇུག་རྒྱུ་ཡོད། གོང་དུ་བཤད་པ་དེ་དག་ནི་རུ་ཊིང་བྱེད་ནས་བེད་སྤྱོད་གང་ཡོད་མེད་ཀྱི་དཔེ་མཚོན་ཁ་ཤས་ཡིན་དེ་མིན་གྱི་བེད་སྤྱོད་བརྒྱ་ཕྲག་ལྷག་ཡོད།

ཁ་པར་ཚང་མ་ལ་རུ་ཊིང་བྱེད་རྒྱུ་ཡོད་དམ།

ཨྱ་ཧྥོན་དང་ཨྱ་པེཊ་དེ་དག་ལ་རུ་ཊིང་བྱེད་རྒྱུ་མེད། ཁྱེད་ཀྱི་ཁ་པར་ཨན་ཌོ་ཡིན་ཕྱིན་རུ་ཊིང་བྱེད་ཐུབ། འོན་ཀྱང་ཡིད་གཟབ་ངེས་པར་དུ་བྱེད་དགོས་པ་ནི། རུ་ཊིང་བྱེད་སྐབས་རང་ཉིད་ཀྱི་ཁ་པར་གྱི་སྒྲིག་བཀོད་རྨང་གཞིར་ལག་པ་འཆང་གི་ཡོད་བརྟེན་ཁ་པར་སྐྱོན་དུ་འགྲོ་ན་དོ་དག་རང་ཉིད་ཀྱིས་འགན་ཡིན་པ་ལས། ཁ་པར་བཟོ་ཚོང་ཁང་གིས་འགན་ལེན་མི་བྱེད།

གསལ་བཤད།


དྲ་གྲོགས་མང་པོས་བསྟུན་མར་ཁ་པར་རུ་ཊིང་བྱེད་སྟངས་སྐོར་སྐད་ཆ་ཡང་ཡང་དྲིས་ཀྱི་འདུག་པས། དེ་རིང་ཁ་པར་རུ་ཊིང་བྱེད་སྟངས་སྟབས་བདེ་དང་། ཁ་པར་ཚང་མའི་ནང་ལག་ལེན་བསྟར་ཐུབ་པ་ཞིག་འདིར་བཀོད་འདོད་བྱུང་། དེ་སྔ་<ཁ་པར་ཞིག་རུ་ཊིང་(rooting)བྱེད་ཟེར་ན་གང་རེད།>ཟེར་བའི་རྩོམ་ཡིག་ནང་རུ་ཊིང་སྐོར་རྒྱུད་མངའ་ལོན་ཆེད་དེའི་ཕན་ཐོག་སྐོར་བཤད་ཡོད་པ་ལས། རུ་ཊིང་བྱེད་སྟངས་དངོས་བཤད་མེད། དེའི་རྒྱུ་མཚན་ནི། གཅིག་ནས་སྐབས་དེ་དུས་ཁ་པར་སོ་སོར་རུ་ཊིང་བྱས་སྟངས་མི་འདྲ་བ་ཡོད་པ་དང། གཉིས་ནས་མཉེན་ཆས་ཁ་ཤས་འགྲོ་མ་འགྲོ་བྱེད་ཀྱི་ཡོད་པས། གཅིག་འགྱུར་གྱི་ཐབས་ལམ་ལེགས་པོ་ཞིག་མེད། གསུམ་ནས་རུ་ཊིང་བྱེད་དུས་ཁ་པར་དང་མཉེན་ཆས་ཀྱི་ཆ་རྐྱེན་དང་སྒྲིག་སྲོལ་ཁག་ལ་སྣང་འཇོག་མ་བྱེད་པར་རོབ་ཚོད་ཀྱིས་རུ་ཊིང་བྱས་ན་ཁ་པར་ལ་སྐྱོན་འགྲོ་སྲིད། དེར་བརྟེན་སྐབས་དེ་དུས་རུ་ཊིང་ཟེར་བའི་ངོ་སྤྲོད་རྩོམ་ཡིག་ཞིག་ལས་སྤེལ་མེད།

རུ་ཊིང་བྱེད་པའི་བེད་སྤྱོད་རྒྱ་ཆེ་ཡིན་ཡང་། བོད་པ་ཚང་གིས་རུ་ཊིང་བྱེད་སྟངས་ལ་དོ་སྣང་ཡོང་གཞིག་གཙོ་བོ་ནི། ལག་ཐོག་ཁ་པར་ནང་བོད་ཡིག་ལེགས་པོ་སྒྲིག་འཇུག་ཐུབ་པའི་ཆེད་དུ་དམིགས་པ་ཞིག་ཡིན། འདིར་བསྐྱར་དུ་ཞུ་འདོད་ཞིག་བྱུང་བ་ནི། ད་ཆ་ཨན་ཌོ་མ་ལག་ 6.0 སླེབས་ཡོད་པ་དང། སོ་སོའི་ལག་ཐོག་ཁ་པར་ལས་ཨན་ཌོ་དྲུག་པའི་ཐོག་རིམ་སྤར་བྱེད་ཐུབ་ན། བོད་ཡིག་ཡོང་ཡོང་པ་རེད། དེ་གཅིག་སྔོན་ལ་གཟིགས། དེ་མིན་ཡང་རུ་ཊིང་བྱེད་མི་དགོས་པར་བོད་ཡིག་ཡོང་ཐུབ་ཐབས་སུ་ iFont མཉེན་ཆས་སྤྱད་དེ་ཁ་པར་ནང་བོད་ཡིག་བཅུག་ཐུབ་མིན་གཟིགས་རྒྱུ་ཡང་གལ་ཆེ་སྙམ། དེ་གཉིས་ཀ་མི་ཡོང་ན་གཤམ་གྱི་ཐབས་ཇུས་དེས་བོད་ཡིག་ཡོང་ཐབས་ཞིག་དང་། རུ་ཊིང་བྱེད་པའི་དགོས་པ་ཆགས་སྲིད།

ད་ཆ་ཁ་པར་ཀུན་ལ་རུ་ཏིང་བྱེད་ཆེད་མཉེན་ཆས་སྤུས་ལེགས་མང་པོ་བྱུང་བ་དང་། དྲ་གྲོགས་མང་པའི་བསྐུལ་མ་མུ་མཐུད་ཡོང་བའི་དབང་གིས་གཤམ་འདིར་ལག་ཐོག་ཁ་པར་རུ་ཊིང་བྱེད་སྟངས་དངོས་སྟོན་གྱི་ཡིན།

KingRoot མཉེན་ཆས།


ངས་འདིར་བཀོལ་སྤྱོད་བྱེད་པའི་མཉེན་ཆས་གཙོ་བོ་ནི་ KingRoot ཟེར་བ་འདི་ཡིན། མཉེན་ཆས་དེ་སྤྱད་དགོས་དོན་ནི།

  • ཨན་ཌོའི་མ་ལག་ 2.0 ནས་ 5.0 བར་གྱི་ཁ་པར་ཀུན་ལ་འགྲོ་ཐུབ། ཨན་ཌོའི་མ་ལག་གསར་ཤོས་ 6.0 ནང་ཚོད་ལྟ་བྱེད་མེད། སྤྱིར་ཨན་ཌོའི་མ་ལག་དྲུག་པའི་ནང་བོད་ཡིག་རྒྱབ་བསྐྱོར་ཐོབ་ཡོད་པས། བོད་ཡིག་ཡོང་རྒྱུའི་ཁོ་ནའི་ཆེད་ཡིན་ན། མཉེན་ཆས་འདི་བཅུག་དགོས་པའི་དགོས་པ་མ་འཆིས་སེམས།
  • ལག་ཐོག་ཁ་པར་རིགས་མི་འདྲ་བ་ 103790 ཙམ་ལ་མཉེན་ཆས་དེས་རུ་ཊིང་བྱས་ཐུབ་པ།
  • རུ་ཊིང་བྱས་མ་ཐུབ་པའི་བརྒྱ་ཆ་ཧ་ཆང་ཉུང་བ།
  • མཉེན་ཆས་དེ་སྤྱད་དེ་ཁ་པར་འཕྲོག་བརླག་སོང་བའི་གནས་ཚུལ་དང་། སྙན་ཞུའི་རིགས་ད་བར་བྱུང་མེད།
  • གློག་ཀླད་དང་མཐུད་མི་དགོས་པར་ཁ་པར་རང་ངོས་སུ་རུ་ཊིང་བྱེད་ཐུབ།

རུ་ཊིང་(rooting)མ་བྱས་སྔོན་ཤེས་དགོས་པ།


  • ཁྱེད་ཀྱི་ཉོས་པའི་ཁ་པར་དེ་དག་ལ་ཁ་པར་བཟོ་ཚོང་ཁང་གིས་ལོ་གཉིས་གསུམ་འཕྲོག་བརླག་མི་འགྲོ་བའི་འགན་ལེན་ཡོད། གལ་ཏེ་ཁ་པར་རུ་ཊིང་བྱས་ན། བཟོ་ཚོང་ཁང་གིས་འགན་ལེན་མི་བྱེད།
  • རུ་ཊིང་བྱེད་པའི་ཐབས་ལམ་འདི་གཏན་ཤོས་ཤིག་དང་། ཁ་པར་འཕྲོག་བརླག་འགྲོ་གཞིའི་བརྒྱ་ཆ་ཉུང་ཤོས་ཡིན། འོན་ཀྱང་ཁྱེད་ནས་ཐབས་ལམ་འདི་སྤྱད་པའི་སྐབས་ཁ་པར་ལ་སྐྱོན་ཆགས་བྱུང་ན། གུས་པས་འགན་ལེན་མི་བྱེད། དེར་བརྟེན་སོ་སོས་བལྟ་རོགས།
  • རུ་ཊིང་བྱེད་དགོས་ན། ཁ་པར་གྱི་གློག་མེ་བརྒྱ་ཆ་ 90% ལྷག་ཡོད་དགོས།
  • དྲ་རྒྱའི་མཐུན་རྐྱེན་ཡོད་དགོས།
  • ཁ་པར་ནང་མཉེན་ཆས་གཞན་རྣམས་ཁ་བརྒྱག་དགོས།

Create a presentation like this one
Share it on social medias
Share it on your own
Share it on social medias
Share it on your own

How to export your presentation

Please use Google Chrome to obtain the best export results.


How to export your presentation

New presentation

by sonamdawa101

30 views

Public - 4/22/16, 9:51 AM